当前位置: 首页 >名曲赏析 >《藏地月光》仁增玛

《藏地月光》仁增玛

2022-04-11 23:39:35




仁增玛的诗

(二十首)

༄༄།།རིག་འཛིན་མ་ཡི་སྙན་ངག་ཁག་ཉི་ཤུ་མ།



仁增玛的诗

(二十首)

རིག་འཛིན་མ་ཡི་སྙན་ངག་ཁག་ཉི་ཤུ་མ།


原创:仁增玛

གསར་རྩོམ།       རིག་འཛིན་མ། 

翻译:琼卡尔·扎西邓珠

བསྒྱུར་མཁན།   ཁྱུང་མཁར་བཀྲ་ཤིས་དོན་འགྲུབ།



慈母恩 

  

                 

昨夜     

我在梦的摇篮里       

轻抚您的白发 

酸打心头  

俏皮的风儿 

萦绕   手心汗珠


今朝

我在阳光明媚处

素描您的脊背

佝偻 瘦小

眼角清泉  滑落

烟染了笔墨


母亲啊

您可知道

听您

千万叮嘱

看您

耗尽韶华

我胆寒轻颤


此刻

岁月赶织着皱纹

流年捆绑步履

粗糙的手

尝尽了苦辣酸甜


每当伫立在窗口

思念泛滥成河

脸颊的泪水化作梦境

飞回家乡

微笑依偎在您怀抱



མ་ཡུམ་གྱི་བཀའ་དྲིན།



མདང་དགོང་།

ངས་རྨི་ལམ་གྱི་འགུལ་སླེ་རུ།      

ཁྱེད་ཀྱི་སྐྲ་ལོ་དཀར་པོར་བྱིལ་བྱིལ་བྱེད་དུས།

སེམས་སུ་སྐྱོ་སྣང་འཕྱུར།

རྩེད་ལ་དགའ་བའི་རླུང་བུ་འཁྱིལ་ཏེ།

ལག་ཟུང་དུ་རྔུལ་ཆུ་འཁོར།


དེ་རིང་།

ངས་ཉི་འོད་དྲོ་སྐྱིད་ཁྲོད།

ཁྱེད་ཀྱི་སྒལ་པའི་སྐྱ་རིས་བྲིས།

གཞུ་འདྲ་གུག་ལ་རིད་ཅིང་ཆུང་།

མིག་མཐར་མཆི་མ་བཞུད་དེ།

བརྩེ་བས་སྨྱུག་རྩེ་རློན།


མ་ཡུམ།

ཁྱེད་ཀྱིས་མཁྱེན་ནམ།

ཞལ་གདམ་ལན་བརྒྱ།

ནན་གྱིས་ཉན་ཞིང་།

ལང་ཚོའི་དཔལ་ཡོན་ཡལ་ལུགས།

མིག་གིས་མཐོང་བས།

ངའི་སེམས་སུ་འདར་གསིག་གསིག


སྐབས་འདིར།

ལོ་ཟླས་དཔྲལ་པར་རྒས་གཉེར་འཐག་ལ།

དུས་ཚོད་ཀྱིས་གོམ་འགྲོས་འཁྱར་འཁྱོར་བསྡམས།

ཕྱག་ཟུང་རྩུབ་མོས།

དགའ་སྐྱིད་སྐྱོ་སྡུག་མ་ལུས་མྱངས།


སྒེའུ་ཁུང་ཟུར་ཀྲོང་ངེར་ལངས་བ་དང་།

དྲན་པ་ཆུ་ཡན་དུ་ཆགས།

གདོང་དུ་འཁྱིལ་བའི་མིག་ཆུ་ནི་རྨི་ལམ་དུ་སྤྲུལ་ཏེ།

ཕ་ཡུལ་དུ་འཕུར་ཞིང་།

ཁྱེད་ཀྱི་རུམ་དུ་འཛུམ་གྱིས་འབྱར།



格桑花开      



那年

走过七月绿毯

雨打石心

弹奏一曲缠绵


湿了羽衣的虫儿

使劲儿爬

小鸟依人

却诱不住眼前的美餐


朝阳在格桑花的唇边

轻轻一吻

惹恼了风

横扫缕缕芬芳


我拾起丝丝香魂

捧入掌心

借织女巧手

将遗落的心事缝合……



   

སྐལ་བཟང་མེ་ཏོག་བཞད་སོང་།



ལོ་དེར།

དབྱར་གཞུང་བདུན་པའི་སྤང་ཐང་བརྒྱུད་དེ།

སྦྲང་ཆར་རྡོ་སྟེང་བབས་ལ།

གཅིག་སེམས་གཅིག་གཏད་ཀྱི་དུང་དབྱངས་བཀྲོལ།


སྒྲོ་གུར་བངས་བའི་འབུ་སྲིན།

ཤུགས་ཀྱིས་གོག་ལ།

གཅེས་སུ་འོས་པའི་བྱིའུ་ཡིས།

བཅུད་ལྡན་ཟས་མཆོག་དེ་བསླུ་བྲིད་བྱ་མ་ནུས།


ཞོགས་པའི་ཉི་གཞོན་གྱིས་སྐལ་བཟང་མེ་ཏོག་གི་མཆུ་སྒྲོས་སུ།

འོ་ཞིག་དལ་གྱིས་སྦྱར་བས།

རླུང་བོའི་ཞེ་སྡང་དྲག་ཏུ་བསླངས་ནས།

དྲི་ཞིམ་ཡོད་རྒུ་རྡུལ་དུ་བརླག


ངས་དྲི་ཞིམ་གྱི་རྣམ་ཤེས་རེ་རེ།

བཏུས་ཏེ་ལག་མཐིལ་དུ་བཅངས་ཤིང་།

འཐག་མའི་ལག་གི་འཇོན་རྩལ་གཡར་ཏེ།

རྡུལ་དུ་བརླག་པའི་སེམས་གནད་སྐྱར་དུ་གསོ།



乡愁     



夜蜷缩着脸

家中的炉火

无眠


院中的花早已入梦

灯光睁大眼睛

左等 右盼


寒风如发疯的狗

四处惊扰

爬在屋顶月儿

张望


我在梦的一端

触摸着

给回家的河流

捎一封家书



ཕ་ཡུལ་ལ་བཅངས་བའི་དུངས་བ།



མཚན་མོས་ངོ་གདོང་རིམ་གྱིས་ཁུམས་ཤིང་།

ཁྱིམ་གྱི་ཐབ་མེ།

གཉིད་མེད་ངང་འབར།


སྒོ་ར་ནང་མེ་ཏོག་སྔར་ནས་གཉིད་ལ་འགྲིམས།

གློག་འོད་ཀྱིས་མིག་ཆེ་ཆེར་བགྲད་དེ།

གང་ཞིག་ལ་རེ་ལྟོས་བྱེད།


ལྷགས་པ་ཁྱི་སྨྱོན་རྗེས་སུ་འགྲོ་སྟེ།

གང་སར་དཀྲོག་རྒྱུག་ལས་ལ་བྲེལ།

ཟླ་བའང་ཁང་སྟེང་འཛེགས་ཏེ།

ཕྱོགས་བཞིར་བྱ་ར་བྱེད།


ངས་རྨི་ལམ་གྱི་སྣེ་ཞིག་ཏུ།

རྨི་ལམ་ལ་རེག་ཅིང་།

གཞིས་སུ་ལོག་པའི་རྒྱུག་ཆུ་ལ།

འཕྲིན་ཞིག་བསྐུར།



  

     


阳光沉迷酒色

云爬上天际

与雪花秘谋

一场颠覆


寒风

伫立在窗前

品一杯清茶

封印霜的情感


我放慢脚步

伸手捉一朵雪花

双鬓斑白

偷乐了雪中的娃



ཁ་བ།



ཉི་འོད་ནི་ཆང་དང་ནག་མོར་ཆགས་སོང་།

ཆུ་འཛིན་ཨ་སྔོན་དུ་འཛེགས་ཏེ།

ཁ་བ་དང་།

གཏོར་བཤིག་ཐེངས་ཤིག་ཐད་གསང་གྲོས་བྱེད།


ལྷགས་པ།

སྒེའུ་ཁུང་མདུན་ཀྲོང་སྟེ།

ཇ་ནག་ཕོར་པ་གང་མྱོང་ལ།

བད་དཀར་གྱི་བརྩེ་དུང་ལ་ཐམ་བཀོད་དེ་བཀག


ངས་གོམ་སྟབས་དལ་དུ་བཏང་ནས།

ལག་པ་བརྐྱངས་ཏེ་ཁ་བའི་འདབ་མ་ཞིག་བཟུང་།

འགྲམ་ངོགས་ཁ་བས་དུང་ལྟར་བརྒྱན་བས།

ཁ་བར་རྩེད་བའི་བུ་ཆུང་གི་འཇབ་དགོད་སློང་།



红辣椒



春收养

迷路的孩子

躺入大地怀抱


夏喂养

蓬勃生命

镶嵌洁白花儿

漫过雨季

寄出秋汛



成长成秋日里

火红旗帜

一串串红辣椒

串成

祖母的摇篮曲

绚丽成生活的味道……



སུ་རུ་དམར་པོ།



དཔྱིད་ཀས་ལམ་ནོར་བའི་ཕྲུ་གུ

གསོ་ཉར་བྱས་ཏེ།

ས་གཞིའི་མཉེན་རུམ་དུ་ཉལ།


དབྱར་ཁས་ཚེ་སྲོག་སྐྱོང་ཞིང་།

སྟོབས་ལྡན་དུ་གསོ།

མེ་ཏོག་དཀར་གཙང་ཕྲ་རུ་བརྒྱན་ཏེ།

ཆར་ཆུ་འབེལ་བའི་དུས་ཚིགས་བརྒལ་ནས།

སྟོན་གྱི་རྒྱུག་ཆུའི་འཕེལ་འབྲུབ་བརྡ་རུ་བསྐུར།


སྟོན་གྱི་དར་དམར།

དལ་མོས་གྲུབ་ཅིང་།

བདག་དབང་ཐད་དམ་བཅའ་བཞག

ཕྲེང་དུ་བསྟར་བའི་སུ་རུ་དམར་པོ།

ཨ་ཕྱི་ཡི་གཉིད་འགུག་གནའ་དབྱངས་རེ་རེ་རུ།

རིམ་གྱིས་བརྒྱུས་ཏེ།

འཚོ་བའི་བྲོ་བ་རུ་རྣམ་པ་བཀྲ།



奔跑的村庄



一条河

躺在谷底酣睡

将梦想

寄托一列行车


炊烟

如久病老翁

徘徊在画卷尽头


奔跑的村庄

如同美丽少女

吸引镜头

如同疾弛动车

追逐霓虹闪烁


朝阳

扮演着拉拉队

等待

在城市的一端


烟雾弥漫的烟袋

迷失回家方向

灯下孤立叹息

叩开心窗

寻觅城乡结合

今夜

我用鹰一样锐利眼光

缝合差距……



བྲེལ་གྱིས་བརྒྱུགས་པའི་གྲོང་སྡེ།



གཙང་པོ་ཞིག

ལུང་པའི་མཐིལ་དུ་གཉིད་ལ་རོལ་ཏེ།

རང་གི་ཕུགས་འདུན།

དལ་གྱིས་སྐྱོད་པའི་མེ་འཁོར་ལ་བཅོལ།

ཐབ་ཀྱི་དུ་བ་ནི།

ནད་ཀྱིས་ཡུན་རིང་མནར་བའི་རྒན་པོ་ལྟར།

དྲིལ་རིས་ཀྱི་མཐའ་རུ་འཁྱམ།


བྲེལ་གྱིས་བརྒྱུགས་པའི་གྲོང་སྡེའང་།

ན་གཞོན་མཛེས་མ་ལྟྟར།

མིག་དབང་འཕྲོག་ཅིང་།

མྱུར་བགྲོད་ཀྱི་འགུལ་འཁོར་ནང་བཞིན།

འཇའ་ཚོན་འདྲ་འཚེར་བའི་གློག་སྒྲོན་བྲེལ་གྱིས་སྙེག


ཉི་གཞོན་ནི།

ངར་སློང་སྒྲོག་མཁན་དུ་བརྫུས་ཏེ།

གྲོང་ཁྱེར་གྱི་སྣེ་ཞིག་ཏུ།

སྒུག་སྟེ་བསྡད།


སྨུག་སྤྲིན་འཁྱིལ་བའི་དུ་ཁུག་གིས།

ཁྱིམ་དུ་ཕྱིར་ལོག་པའི་ཁ་ཕྱོགས་བོར་ལ།

གློག་སྒྲོན་འོག་ཁེར་རྐྱང་ལངས་ཏེ་དབུགས་རིང་འབྱིན།

ཡིད་ཀྱི་སྒེའུ་ཁུང་ཆེ་ཆེར་ཕྱེ་སྟེ།

གྲོང་དང་གྲོང་པའི་སྦྲེལ་མཚམས་བཙལ།

དོ་ནུབ།

ངས་གླག་རྒོད་ཀྱི་རྣོ་མིག་གཡར་ནས།

གྲོང་དང་གྲོང་པའི་བར་ཁྱད་མེད་པ་གཏོང་།



最美的情缘



清晨

阳光骑马归来

挥洒


背水姑娘

如同草原的格桑花

静待

远方爱人


最美的情缘

如昨日梦境

盛开河边

同装满水的木桶

缠绵


我悄悄蹲下

掬一捧清泉

心儿

烙印在河面



ཡིད་དུ་འོངས་བའི་ལས་སྐལ།



ཞོགས་པར།

ཉི་འོད་ཀྱིས་རྟ་བདུན་འཁོར་ལོ་བཀོལ་ནས་ཕྱིར་ལོག་ཅིང་།

འོད་ཟེར་ཕྱོགས་བཅུར་འཕྲོ།


ཆུ་ལེན་བུ་མོ།

སྤང་གཞུང་གི་སྐལ་བཟང་མེ་ཏོག་འདྲ་བཞད་དེ།

རྒྱང་རིང་གི་དགའ་རོགས།

རེ་སྒུག་བྱེད།


ཡིད་དུ་འོངས་བའི་ལས་སྐལ།

མདང་དགོང་གི་རྨི་ལམ་འདྲ།

གཙང་ངོགས་སུ་རྣམ་པ་བཀྲ་ཞིང་།

ཆུ་ཟོམ་ལྟམ་མེ་བ་དེ་དང་།

སྙིང་གཏམ་བརྗོད།


ང་ག་ལེ་མར་བཙོག་སྟེ།

ཆུ་སྦར་གང་འཆུ།

དྲི་མེད་ཀྱི་སེམས།

ཆུ་ངོས་སུ་གསལ་གྱི་ལེ་མངོན།



雨过天晴



天皱着眉头

如同相思女孩

抹泪


风绕竹林

时而

飘来清香


太阳

轻卸淡雾

踏虹而来

绚丽

绽放在蓝天一幕


我拾起缕缕光芒

一颗水珠

坠落手心

仰望

树叶绿得怜爱



ནམ་དྭངས་སོང་།



ནམ་མཁའ་ཡིས་གདོང་ནག་བསྡུས་ཏེ།

དྲན་གདུང་གི་མནར་བའི་བུ་མོས།

མིག་ཆུ་འབྱིད་བ་བཞིན།


བསེར་བུས་སྨྱུག་གླིང་བསྐོར་ཏེ།

སྐབས་རེར།

དྲི་བཟང་འཐུལ།


ནམ་མཁའི་ནོར་བུས།

སྐྱ་སྨུག་སེལ་ཞིང་།

འཇའ་ཚོན་གྱི་རྟ་མཆོག་བཞོན་ཏེ།

དགོང་སྔོན་གྱི་གྲུ་ཟུར་ཞིག་ནས།

མཚར་སྡུག་རྣམ་པ་བཀྲ།


ངས་འོད་ཟེར་རེ་རེ་འཐུས་ཏེ།

ཆུ་ཐིགས་རྡོག་ཅིག

ལག་མཐིལ་དུ་ལྷུང་།

གྱེན་ལ་ལྟ་དུས།

ཤིང་ལོས་གཡུ་མདོག་མངོན་ནས་དེ་འདྲ་སྙིང་རྗེ་པོ་སྣང་།



思念



雨中

我借过一把伞

天晴

是披着一套衣

温暖

入心


在夜里

我盼过一个梦

天亮时

在闻着一朵花

芬芳

醉人


思念

如同离别的车站

泪水

泛滥成灾

如同烂在心里的话

越堆越满

人比黄花瘦


思念是此刻的孤单

孤单是最慢长的思念

若有来生

我愿是一条船

等你

在爱的旅途……



དྲན་པ།



ཆར་པའི་ཁྲོད།

ངས་གདུགས་ཤིག་གཡར་མྱོང་ལ།

གནམ་དྭངས་སྐབས།

ལྭ་བ་ཆ་ཚང་ཞིག་གཡོགས་ཏེ།

དྲོད་འཇམ་ནི།

སེམས་སུ་ཐིམ།


མཚན་མོར།

ངས་རྨི་ལམ་ཞིག་ལ་རེ་སྒུག་བྱས།

ནམ་གསལ་སྐབས།

མེ་ཏོག་ཞིག་ལ་སྣོམ་ཞིང་།

དྲི་བསུང་གིས།

མི་ཡི་སྣང་བ་མྱོས།


དྲན་པ་ནི།

གྱེས་བྲལ་བྱེད་སའི་འཁོར་ཚིགས་འདྲ།

མིག་ཆུ་ནི།

རགས་ཁ་ཤོར་བའི་ཆུ་ལོག་འདྲ།

སེམས་སུ་སྦས་བའི་སྙིང་གཏམ་དག

རིམ་གྱིས་སྤུངས་ཏེ།

བྱད་གཟུགས་མེ་ཏོག་ལས་ཀྱང་སྙིང་རེ་རྗེ།


དྲན་པ་ནི་སྐབས་དེའི་ཁེར་རྐྱང་དུ་སྣང་ཞིང་།

ཁེར་རྐྱང་ནི་དྲན་པ་ཡུན་རིང་ཤོས་དེའོ།

སྐྱེ་བ་ཕྱི་མ་ཡོད་ན།

ང་གྲུ་ཞིག་ཡིན་འདོད་ལ།

བརྩེ་དུང་གི་བགྲོད་ལམ་དུ།

ཁྱོད་སྒུག་ནས་བསྡད།



致我的轮椅



我有一双

没有知觉的腿

石头磨烂了皮

钉子穿透脉

影子萎缩

踉踉跄跄地走来

一路滴满血迹


我有一把

冷如冰裹的椅

铁锁捆绑身躯

欲望炙烫着灵魂

心跳如钟

一秒一秒地煎熬

日夜屈服疼痛


追忆 眼角清泉滑落

坠入心海

我双手重叠

搓热一季严酷的夏天

披给我的双脚

轮椅·········



རང་གི་འཁོར་སྟེགས་ལ་འབུལ།



ང་ལ་ཚོར་སྣང་མི་ལྡན་པའི།

རྐང་པ་ཆ་གཅིག་ཡོད།

རྡོ་ཡིས་ཤ་ལྤགས་བརྡར་ནས་རལ།

མཛེར་མས་ཁྲག་རྩ་བརྟོལ་ཏེ།

གཟུགས་བརྙན་རྙིད་ནས་འཁུམ་ནའང་།

འཁྱར་འཁྱོར་ངང་འགྲོ་ནས།

བགྲོད་ལམ་དུ་ཁྲག་དམར་ཁེངས།


ང་ལ་འཁྱག་ལས་གྲང་བའི།

འཁོར་སྟེགས་ཤིག་ཡོད།

ལུས་ཕུང་ཐག་ཏུ་བསྡམ་ཡང་།

འདོད་མོས་ཀྱིས་རྣམ་ཤེས་མེ་བཙའ་རུ་བསྲེགས།

སྙིང་གི་འཕར་ལྡིང་ནི་ཆུ་ཚོད་འཁོར་ལོ་བཞིན།

སྐར་ཆ་རེ་རེར་མནར་གཅོད་མྱོང་ཞིང་།

ཉིན་ཞག་དུས་དྲུག་ཏུ་ན་ཟུག་དཔའ་ཞུམ་བཅུག


རྗེས་དྲན་ཐེངས་རེར་མིག་མཐར་མཆི་མ་བསྙིལ་ཏེ།

ཡིད་ཀྱི་མཚོ་མོར་ལྷུང་།

ངས་ལག་ཟུང་ཐལ་མོ་སྦྱར་ཞིང་།

དབྱར་གཞུང་གི་ཚ་གདུག་འཕུར་མཉེད་བྱས་ཏེ།

ངའི་གྲང་ཤུར་ཤུར་གྱི་རྐང་པ་ཟུང་དང་།

འཁོར་སྟེགས་ངོས་སུ་འཐུམ།



一场雪的心事



昨夜

是谁弹断了

云儿紧绷的心弦

像一簇柳絮

漫天纷飞


清晨

是谁捂热

修复一地凄凉

像兜揣糖果的孩子

笑掩泪痕


我紧贴一棵树

探问雪花来因

寒风呼啸

只听见

春的使节……



ཁ་བ་བབ་ཐེངས་ཤིག་གི་སེམས་གནད།



མདང་དགོང་།

སུ་ཞིག་གིས།

ཆུ་འཛིན་སྒེག་མོའི་ཡིད་ཀྱི་རྒྱུད་ཐག་བཅད་དེ།

ཤིང་བལ་གྱི་ཚོམ་པོ།

མཁའ་རུ་འཐོར་འདྲ་བྱས།


ནང་ཀར།

ཡང་སུ་ཞིག་གིས།

སྐྱོ་སྣང་སྒོ་ར་གང་ཉམས་གསོ་བྱས་ཏེ།

བུ་རམ་ཁུག་མ་གང་དབང་བའི་ཕྲུ་གུ་ལྟར།

འཛུམ་གྱིས་མིག་ཆུ་ཤུལ་མེད་བཀབ།


ང་སྡོང་པོ་ཞིག་གི་མཁྲིས་སུ་བཅར་ནས།

ཁ་བའི་མེ་ཏོག་གི་འབྱུང་རྐྱེན་དྲིས།

གྲང་ལྷགས་འུ་རུ་རུ་ཁྲོད།

དཔྱིད་ཀྱི་ཕོ་ཉ།

དལ་གྱིས་འབྱོར་བ་ཚོར།





暖屋如夏

蜷缩床尾的被子

采摘 一串一串

黑夜里的珍珠


声声呼噜

奏一曲久别离殇

屏幕里种植的人

撑一席眼帘


丝丝暖意

我烘干眼角清泉

如一地笨重的石块

层层垫起

悬挂空中的镰刀

轻晃    收割

一缕飘扬的长发



རེ་སྒུག



ཁང་པའི་ནང་དབྱར་གཞུང་བཞིན་དྲོད་སྣང་སྣང་།

ཁྲི་མཇུག་ཏུ་སྒྲིབ་པའི་མལ་གཟན་གྱིས།

མཚན་མོའི་མུ་ཏིག་ཕྲེང་བསྟར།

རེ་རེ་བཞིན་འཐུ།


སྔུར་བ་ལང་ལོང་།

ཡུན་དུ་གྱེས་བྲལ་མཚོན་པའི་གདུང་དབྱངས་དཀྲོལ།

བརྙན་ཡོལ་ངོས་འཆར་བའི་མི་དེ་ནི།

མིག་དབང་གི་དཔལ་དུ་གྱུར།


དྲོད་སྣང་རེ་རེར་བརྟེན་ནས།

ངས་མིག་མཐའི་མཆི་མ་བསྲོས་ཏེ་སྐམ།

གང་སར་འཐོར་བའི་རྡོ་དག

རིམ་གྱིས་བརྩིགས་ལ།

མཁའ་དབྱིངས་སུ་བཀལ་བའི་ཟླ་བ་ཟོར་དབྱིབས་ཅན་དེའང་།

དལ་བོ་འགུལ་ནས།

ལྷབ་ལྷུབ་གཡོ་བའི་སྐྲ་ལོ་འབྲེག་བར་བྲེལ།



一场雪



这一场雪

拖着疲倦脚步

散落一地凄凉

如同往昔碎忆

静待 寒风追溯


这片雪花

会是谁的初心凋零

悄来  静退

如同牵过你的手

掌心 寂寥


思念

像马路上一串串

深深 浅浅的足迹

一个孤独的灵魂

撕裂  挣扎

掠过冬夜每一个角落


我伫立窗前

聆听雪花的心语

清澈   空灵

如一曲优雅的古乐

送来 弥久清香……



ཁ་བ་བབ་ཐེངས་ཤིག



ཁ་བ་བབ་ཐེངས་འདིས།

ཨ་ཐང་ཆད་བའི་གོམ་སྟབས་དྲུད་ཞིང་།

སྐྱོ་གདུང་གང་སར་ཐོར་ཏེ།

སྔོན་མའི་དྲན་པ་ཐ་ཐོར་དེ་དག་བཞིན།

ལྷགས་པས་རྗེས་འདེད་བྱ་རྒྱུར་ངང་སྒུག་བྱེད།


ཁ་བའི་འདབ་མ་འདི།

སུའི་རྙིད་ནས་འཐོར་བའི་བསམ་འདུན་ཐོག་མ་དེ་ཡིན་ནམ།

དལ་ཅག་གེར་འོང་ཞིང་ཁ་རོག་གེར་ཕྱིན་ཏེ།

ཁྱོད་ཉིད་ལ་རེག་མྱོང་བའི་ལག་པ་བཞིན།

ད་ལྟར་ལག་མཐིལ་དེའང་སྟོང་སང་སང་ལུས།


དྲན་པ་ནི།

རྒྱ་ལམ་ངོས་ཀྱི་རྐང་རྗེས་གཏིང་ཟབ་མི་གཅིག་པར་མངོན།

རྣམ་ཤེས་ཁེར་རྐྱང་ཞིག

དུམ་པོར་བཤག་ལ་འཕག་འཚག་རྒྱག་སྟེ།

དགུན་ཁའི་མཚན་མོ་འདིར་གྲུ་ཟུར་རེ་རེ་རུ་བརྒྱུགས།


ང་སྒེའུ་ཁུང་མཁྲིས་སུ་ཀྲོང་སྟེ།

ཁ་བའི་མེ་ཏོག་གི་སྙིང་གཏམ་ཉན།

དྭངས་གཙང་དྲི་མེད་ཀྱི་སྙིང་གཏམ།

གདོད་མའི་རོལ་དབྱངས་ལྟར་སྙན་ཞིང་འཇེབས་ལ།

དྲི་བཟའི་སྙན་དབྱངས་འདི་ཡུན་དུ་འཁྱིལ།



又见桃花开



拨弄秀发 

轻吻着眉梢

漫步园林

太阳淌入指缝

滴落

脸颊泛起涟漪


初春里的邂逅

眼珠 燃烧着花蕊

相遇  相思

酝酿一场梦境


拾起片片红瓣

抛洒在空中

飘落

携来缕缕芬芳



ཁམ་པོའི་མེ་ཏོག་བཞད་པ་སླར་ཡང་མཇལ།



བསེར་བུས་སྐྲ་ལོར་བྱིལ་བྱིལ་གནང་ལ།

ཟིལ་ཆུས་ཀྱང་སྨིན་མཚམས་ལ་མཆུ་དག་སྦྱོར།

སྐྱེད་ཚལ་དུ་ཁམས་སངས་བྱོན་དུས།

ཉི་འོད་མཛུབ་གུའི་སྲུབས་ཀ་ནས།

རིམ་གྱིས་བཞུར་ཏེ།

འགྲམ་ངོགས་སུ་འཛུམ་གྱི་གཉེར་རིས་འཕྱུར།


དཔྱིད་ཟླ་འགོ་མའི་ལས་འཕྲོད་དེར།

མིག་འབྲས་སུ་མེ་ཏོག་གི་ཟེའུ་འབྲུ་མེ་ལྟར་འབར་ཞིང་།

ལས་འཕྲོད་ལས་བྱུང་བའི་དྲན་གདུང་གིས།

རྨི་ལམ་གྱི་ཞིང་མཆོག་ཅིག་གྲབས་གཤོམ་བྱེད།


མེ་ཏོག་གི་འདབ་དམར་རེ་རེ་འཐུས་ཏེ།

བར་སྣང་དུ་མཆོད་སྟོར་བྱེད།

འདབ་དམར་མཁའ་ནས་ལྷབ་ལྷུབ་བབ་བ་དང་བསྟུན།

དྲི་ཞིམ་ལྷང་ལྷང་གི་བྱིན་རླབས་ཀྱང་ཁྱེར་བྱུང་།





杯如心田

抖落几片茶叶

婆娑起舞

这一刻

我仿佛最懂她的美



静默在爱的思绪里

水交融

舒展 柔软 飘逸

纵然 情汁渐浓



我轻卸壶盖

氤氲

如同流年光华

沁人心脾

茶汤的浓情

一场久别的记忆



ཇ།



ཇ་ཕོར་ཡིད་ཀྱི་གཤིན་སར།

ཇ་ལོའི་མེ་ཏོག་འདབ་མ་འགའ་དལ་གྱིས་ཟག་སྟེ།

ལྷན་སྦྱོར་གྱི་གར་སྟབས་ལས།

དུས་འདིར།

ངའི་ཡིད་དབང་འཕྲོག་པའི་མཛེས་དཔལ་མངོན།


བརྩེ་བའི་འཆར་སྒོ་རུ་སེམས་ལྷོད་འཇམ་དུ་བཏང་།

ཇ་ཆུ་གཞི་གཅིག་འདྲེས་ཏེ།

མཉེན་ལྕུག་སྒེག་དཔལ་གྱི་ལྟད་མོ་སྟོན་ཞིང་།

བརྩེ་བའི་དྭངས་མ་རིམ་གྱིས་གྲུབ།


ངས་ཁེབས་གཅོད་དལ་གྱིས་ཕྱེ་བ།

དྲོད་རླངས་ལང་ལིང་།

འདས་ཟིན་པའི་ལང་ཚོའི་དཔལ་བཞིན།

ཡིད་ཀྱི་སྤྲོ་སྣང་སྤེལ།

ཇ་ཁུའི་རོ་བཅུད་ཁྲོད།

ཡུན་དུ་བྲལ་བའི་དྲན་ཤེས་ཀྱི་མགྲོན་དུ་བྱོན།



依雪



透过车窗

敲醒酣睡

一幅幅深冬描摹的油画

伸展 雪域梦境


牧羊女挥着皮鞭

哼一曲缠绵

掠过 小河深邃的眸子

绊住思绪


调皮的蓝天

在云幕缝隙里

窥探

童话中的新娘


我浅息冬的怀抱

追忆

儿时目捧的雪花

像一吊针

一点一滴地注入心海



ཁ་བར་བཅངས་བའི་བརྩེ་བ།



བསེར་བུས་ཤེལ་ཡོལ་བརྟོལ་ནས།

དྲོ་སྐྱིད་ཀྱི་གཉིད་དཀྲོག

དགུན་གྱི་ལྷ་བཟོས་ནན་གྱིས་བཀོད་པའི་སྣུམ་རིས་རེ་རེས།

གངས་ལྗོངས་རྨི་ལམ་ཞིང་མཆོག་མངོན།


ལུག་རྫི་བུ་མོས་ལྕག་ཚན་ཕྱར་ཞོར།

བརྩེ་བས་རྫི་གླུ་ངག་ཏུ་གྱེར་ཏེ།

ཉལ་འགྲོ་མ་ཡི་མིག་ཟུང་བརྒྱུད་ནས།

ཡིད་ཀྱི་འཆར་སྒོའང་དམ་ལ་བཏགས།


རྩེད་མཚར་དགའ་བའི་ཨ་སྔོན་གྱིས།

ཆུ་འཛིན་གྱི་ཡོལ་བ་དལ་གྱིས་ཕྱེ་ལ།

བྱིས་སྒྲུང་དུ་མཛེས་པའི་བག་མ་ལ།

འཇབ་ལྟ་བྱེད།


ང་དགུན་གྱི་རུམ་དུ་ངལ་གསོ་ནས།

ཆུང་བྱིས་པའི་དུས་ཀྱི་ཁ་བའི་མེ་ཏོག་ལ།

རྗེས་དྲན་བྱས།

དྲན་པ་འདི་སྨན་བཅུད་ཁབ་ཆུའི་རྗེས་སུ་འགྲོ་སྟེ།

ཡིད་ཀྱི་དྲན་མཚོ་རུ་ཐིགས་པ་རིམ་གྱིས་གསིང་།



这个腊月



这个腊月

静悄悄地走来

如同睡意中母亲的脚步

轻盈     舒缓



吃一碗

奶奶熬制的腊八粥

点燃    岁尾

扫房 请香 祭灶

如一串串鞭炮

奏响       新春乐章



我采撷一朵梅花

绘制一幅春色

灵魂放飞蓝天

深情   捂热大地的胸怀



དགུན་ཟླ་འདི།



དགུན་ཟླ་འདི།

རྐང་འཇབ་ལག་འཇབ་ངང་དལ་གྱིས་འབྱོར་ལ།

གཉིད་ཡུར་དུས་ཨ་མའི་གསལ་ལ་མི་གསལ་བའི་གོམ་སྟབས་ལྟར།

ཡང་ཞིང་ལྷོད་ཤིག་ཤིག


རྨོ་ལགས་ཀྱིས་བསྐོལ་བའི་དགུ་ཐུག

ཕོར་པ་གང་འཐུང་ནས།

ལོ་མཇུག་གི་དུས་འདི་མེ་ལྟར་སྦར།

གད་ཕྱགས།      སྤོས་མཆོད།      ཐབ་ལྷ་གསོལ།

མཛད་སྒོ་འདི་དག་ཤོག་སྦག་གི་བསྟར་ཕྲེང་བཞིན།

དཔྱིད་གསར་གྱི་རོལ་དབྱངས་དཀྲོལ་འགོ་རྩོམ།


ངས་དཔྱིད་འགོའི་མེ་ཏོག་ཅིག་བཏོགས་ཏེ།

དཔྱིད་དཔལ་རིས་སུ་བཀོད་ནས།

རང་གི་རྣམ་ཤེས་ཀྱང་ཨ་སྔོན་དགུང་ལ་ཕུལ་ཏེ།

ཡིད་ཀྱི་དུང་བས་ཀུན་བཟོད་མ་མའི་རུམ་དུ་དྲོད་སྐྱིད་གནང་།



走雪



远山未醒

雪花 依偎路灯


车流疾驰

擦一地粉饰


目光 锁定车窗

挨近 久别柴门



ཁ་བའི་ཁྲོད་ཀྱི་ལམ་བགྲོད།



རྒྱང་དུ་ཀྲོང་བའི་ས་འཛིན་གཉིད་ནས་སད་མེད་ལ།

ཁ་བས་སྔར་ནས་ལམ་སྒྲོན་མཛེས་པོར་བརྒྱན།


མོ་ཊའི་ཚོགས་ནི་ཆུ་རྒྱུན་ལྟར་བྲེལ་གྱིས་བཞུད་དེ།

ས་གཞིའི་ཆོ་རྒྱན་རིམ་གྱིས་ཕྱིས།


མིག་མདངས་ཤེལ་གྱི་སྒེའུ་ཁུང་སྟེང་ཟུག་སྟེ།

ཡུན་རིང་རེག་མེད་པའི་རྒྱལ་སྒོའི་ཕྱོགས་སུ་བཅར།



回家



雪花纷纷 送行

焦急行囊催热手中票

倚在车窗  轻卸疲惫

恍惚 聆听慈母默诵平安


车载着乡愁缓慢行驶

一场相聚的剧情

和着相拥冲动

从起点预演终点

一寸一寸丈量爱的距离


驻足  方如帷幕的宅院

还未叩开家门

微风跳墙  掠过我的心海

抬头  缕缕相思伸出墙头



ཁྱིམ་དུ་ལོག་བ།



ལྷབ་ལྷུབ་ཀྱི་ཁ་བའི་ཁྲོད་ཕེབས་སྐྱེལ་བྱེད་ལ།

རྡོག་ཁྲེས་བྲེལ་བ་ལངས་ཏེ་ལག་ཏུ་བཟུང་བའི་སྤ་སེ་དེའང་ཚ་སོབ་སོབ་བཟོ།

མོ་ཊའི་ཤེལ་གྱི་སྒེའུ་ལ་བསྙེས་ཏེ་ངལ་དུབ་ཀྱི་ཁུར་ཚ་ཕབ།

བྱམས་ལྡན་མ་ཡུམ་གྱི་བདེ་སྨོན་རབ་རིབ་དེའང་རྣ་བར་ཚོར།


མོ་ཊས་ཡུལ་གྱི་དུངས་བ་འཁྱེར་ནས་དལ་གྱིས་སྐྱོད་ལ།

ནང་མི་ལྷན་འཛོམས་ཀྱི་ཟློས་གར་ཞིག

འཁྱུད་འཐམ་བྱེད་པའི་སྤྲོ་བ་ལ་མོས་པའི་འཆར་སྣང་ཁྲོད།

བགྲོད་ལམ་གྱི་འགོ་མཇུག་རིང་འཁྲབ་སྦྱོང་བྱས་ཏེ།

གཉེན་ཉེའི་བརྩེ་དུང་གི་བར་ཐག་མཐོ་དང་འདོམ་པས་འཇལ།


དར་ཡོལ་ལྟར་མཚར་བའི་སྒོ་ར་རུ་གོམ་ཁ་བསྒྱུར་ཞིང་།

མཛུབ་ཚིགས་ཀྱིས་ནང་སྒོ་མ་བརྡུང་བར།

དྲི་བཞོན་གྱང་འགོ་ནས་ལྡང་ཞིང་ངའི་ཡིད་ཀྱི་མཚོ་མོར་དྲན་པའི་རླབས་རྒྱུན་སློང་།

མགོ་བོ་ཡར་ལ་བཏེགས་དུས།  དྲན་དུངས་ནི་གྱང་འགོ་ནས་མྱུ་གུ་བུད།



一往情深



这个名字

很久不被我提起

站在梦的岸边

待河牵船的眸子

搭成一条铁索桥


漆黑的夜里 桥影

如同一棵庞大的树

树上 挂着一盏盏灯火

每一盏   都很明亮


    灯光灼热

桥上人 抛洒思念的网

打捞  那不曾遗忘的名字



ཡིད་དབང་ཤོར་བ།



མིང་འདི་ནི།

ངས་ཡུན་རིང་ཞིག་ཏུ་འབོད་ཀྱིན་མེད།

རྨི་ལམ་གྱི་ཆུ་ངོགས་སུ་ལངས་ཏེ།

ཆུ་རྒྱུན་གྱིས་གྲུ་ཆུང་ཁྲིད་པའི་སྣང་བརྙན།

ལྕགས་ཀྱི་ཐག་ཟམ་དུ་གྲུབ་པར་རེ་སྒུག་བྱེད།


ནག་ཐིང་ཐིང་གི་མཚན་གཞུང་།

ཟམ་པའི་གྲིབ་བརྙན་ནི་ཡལ་ག་མང་ལྡན་གྱི་ཤིང་སྡོང་བཞིན།

སྒྲོན་མེ་རེ་རེས་བརྒྱན་ཏེ།

གསལ་འོད་སྣང་སྣང་མངོན།


སྒྲོན་མེའི་དྲོད་སྣང་དུ།

ཟམ་པ་སྟེང་གི་མི་དེས་དྲན་པའི་རྙི་རྒྱ་འཕེན་ཏེ།

ནམ་ཡང་བརྗེད་མ་མྱོ

国内首部藏族汉语女诗人诗选集

《藏地月光》征稿启事

自上世纪80年代以来,藏族诗人在席卷全国的新诗潮的影响下,创作出了一大批关注新生活、讴歌新时代、审视新自我的藏地诗篇,这些成绩,不仅仅丰富着当代少数民族文学的花圃,也为新诗的发展和繁荣,做出了不容忽视的贡献。多情、善感又敏锐的藏族女诗人,她们的独唱和合唱,已经成为新诗创作团体中富有特色的歌喉,值得新诗研究者深入研究。为了梳理、总结、推广藏族汉语女诗人的创作成果和经验,在藏族诗人格桑梅朵的策划下,几位志同道合的文友集聚在一起,成立了《藏地月光》编委会,计划在2019年出版国内首部藏族汉语女诗人诗选集,分藏文版和汉文版两种。现特向在五省藏区及其他地域生活的广大老、中、青三代藏族汉语女诗人征稿,热切期盼大家的积极参与。


征稿要求:

一、投稿须为汉语诗歌,代表作1首(长诗)或20首(短诗),总行数200行左右。

二、300字左右作者简介(名字、性别、籍贯、身份、作品发表情况、入选情况、获奖情况、出版情况)。

三、诗观(300字左右)。

四、高清个人艺术照一张(着藏族服饰,背景具有藏地特色及藏族文化元素)。

五、主题栏格式:省州+作者名+作品名。

六、附件:作品WORD文档+作者简介+诗观+个人艺术照。

七、投稿邮箱:2278506420@qq.com。

八、征稿时间:自即日起至2018年12月31日。

 

《藏地月光》编委会

二0一八年二月二十日

《藏地月光》编委会


主编:格桑梅朵

成员:扎西才让  嘉洋洛珠

         琼卡尔•扎西邓珠  嘉洛

         长青  尼玛罗吾  扎西尼玛

         陆泷煊  布毛才仁

         尖梅朵  玉珠  西月

         德西  唐亚琼  葛建中

编委会成员简介


格桑梅朵,诗人,西藏波密人,祖籍青海。

扎西才让,作家,中国作家协会会员,甘肃甘南人。

嘉洋洛珠,作词家,弹唱歌手,藏语节目主持人。

琼卡尔•扎西邓珠,高级编辑,云南迪庆人。

嘉洛,作家,青海玉树人。

长青,自媒体谢旦贴吧创始人,诗人,青海玉树人。

尼玛罗吾,作家,炉霍下罗人。

扎西尼玛,作家,云南德钦人。

陆泷煊,诗人,上海人。

布毛才仁,作家,青海玉树市人。

尖梅朵,双语诗人,青海尖扎人。

玉珠,诗人,青海省作家协会会员,青海西宁人。

西月,诗人,中国少数民族作家学会会员,青海门源人。

德西,诗人,四川甘孜人。

唐亚琼,诗人,甘肃甘南人。

葛建中,诗人,《青海广播电视报》总编辑。

五省藏区来稿初选编辑


西藏:格桑梅朵

青海:那萨

甘肃:唐亚琼

四川:尼玛罗吾

云南:琼卡尔•扎西邓珠



本期责编:格桑梅朵  陆泷煊

制作:陆泷煊

投稿邮箱:2278506420@qq.com



长按下图,识别二维码关注

一更多精彩一


《 藏地月光》
    


 嘉洋洛珠平台


谢丹贴吧